ཁྲི་ལྡེ་གཙུག་བརྟན།
༥༽ དེར་བློན་ཆེན་མགར་དང་ཐོན་མི་གཉིས་ཀྱིས། སྲོང་བཙན་གྱི་བཀའ་དགོངས་ལྟར་གཉལ་དུ་བཞུགས་པའི་བཙན་པོའི་སྐུ་མཆེད་གཅུང་བཙན་སྲོང་ཕོ་བྲང་དུ་གདན་དྲངས། བཙན་པོའི་ཞལ་ཆེམས་ཕྱག་ཡིག་སྤྱན་འབུལ་ཞུས།
༦༽ ཕྱག་ཡིག་ནང༌། "གཅུང་བཙན་སྲོང་གི་སྲས་རྒྱལ་ཁྲིར་མངའ་གསོལ་དང་སྲས་ནར་མ་སོན་པའི་བར་དུ་བློན་ཆེན་མགར་དང་སློབ་དཔོན་ཐོན་མི་གཉིས་ཀྱིས་སྲིད་འགན་གཙོ་བཞེས་གནང་དགོས་" ཞེས་འཁོད་པ་མཐོང་བས། གཅུང་བཙན་སྲོང་ཡང་ཐུགས་མཉེས།
༧༽ དེ་ནས་བཙན་སྲོང་གི་སྲས་དགུང་ལོ་གསུམ་ལྷག་ཙམ་དེ་ལ། བཙན་པོའི་དབོན་སྲས་མང་སྲོང་མང་བཙན་ཞེས་མཚན་གསོལ་ཏེ་རྒྱལ་ཁྲིར་མངའ་གསོལ། བོད་ཁམས་ཡོངས་སུ་རྟེན་འབྲེལ་གྱི་དགའ་སྟོན་གྱིས་ཁྱབ་པར་མཛད།
༨༽ བློན་ཆེན་ཐོན་མིས་རྒྱལ་སྲས་ཀྱི་སློབ་དཔོན་གནང་ཞོར་དུ། བོད་རྒྱལ་ཁབ་ཀྱི་ནང་སྲིད་ཀྱི་འགན་དབང་བཞེས་ནས་ཕོ་བྲང་དུ་བཞུགས།
༩༽ སྤྱི་ཁྱབ་བློན་ཆེན་མགར་སྟོང་བཙན་གྱིས་ཕྱི་སྲིད་ཀྱི་འགན་དབང་བཞེས་ནས་བོད་རྒྱའི་མཐའ་མཚམས་ས་ཁུལ་མདོ་སྨད་དུ་ཕེབས་ནས་དམག་དོན་གྱི་བྱ་བ་གཉེར།